logo 歌曲宝
 gequbao.com

找歌就用歌曲宝

cover

སྐྱོ་གར། - 尕太加

如无法下载或有错误,请刷新重试或点此 反馈 给我们
སྐྱོ་གར།-尕太加.mp3
[02:59.0]作词 : 尕太加 [02:59.0]作曲 : 尕太加 [02:...
[02:59.0]作词 : 尕太加
[02:59.0]作曲 : 尕太加
[02:59.0]སྐྱོ་གར།
[02:59.0]བརྩེ་བའི་སྙིང་གི་གྲོགས་པོ། རྣ་བའི་ལན་གཅིག་ང་ལ་ཉོན་དང།
[02:59.0]བཤད་ཐུབ་པའི་སྡུག་བསྔལ་ཁྱོད་ཀྱི་སྡུག་བསྔལ་དུ་ཡང་མ་བསམ།
[02:59.0]ཁྱོས་སེམས་པ་མ་སྡུག ཁྱོས་ངུ་སྐད་མ་འཆོར། ཁྱོས་ཉམ་ཐག་མ་བྱེད། ཁྱོས་མིག་ཆུ་མ་འཕེན།
[02:59.0]བརྩེ་བའི་སྙིང་གི་གྲོགས་པོ། རྣ་བའི་ལན་གཅིག་ང་ལ་ཉོན་དང།
[02:59.0]འཕྲོགས་ཐུབ་པའི་བུད་མེད་ཁྱོད་ཀྱི་མཛའ་མོ་ཡང་མ་ཡིན།
[02:59.0]ཁྱོས་སེམས་པ་མ་སྡུག ཁྱོས་ངུ་སྐད་མ་འཆོར། ཁྱོས་ཉམ་ཐག་མ་བྱེད། ཁྱོས་མིག་ཆུ་མ་འཕེན།
[02:59.0]ལོ་ནས་ལོ་དང་ཟླ་ནས་ཟླ་དང་ཉིན་ནས་ཉིན་ལ་ང་ཚོའི།
[02:59.0]ཉིན་རེ་རེ་བགྲངས་ཀྱི་མི་ལངས་བརྩིས་ནས་མི་ཚར་བའི།
[02:59.0]སེམས་སྐྱོ་བའི་སྐྱོ་གར་ང་ཚོའི་རྣ་འགྲམ་དུ་མིག་འགྲམ་དུ་ཡང་ནས་ཡང་དུ་འཁྲབ་སྟོན་བྱེད་ཀྱི་ཡོད་པ་ཁྱོད་ཀྱི་ཨུ་ཤེས་སྙིང་ཉེ་བའི་གྲོགས་པོ། ཡང་གཅིག་བཤད་ན་སྐྱོ་གར་འདི་དག་བྱུང་བར་ང་ཚོ་དགའ་འོས་པ་ཞིག་ཅི་ནས་མིན།
[02:59.0]དབུགས་ཀྱི་རྒྱུ་བ་གཏོང་ཐེངས་རེ། མིག་ཟུང་ཁྲ་མོ་སྡེབས་ཐེངས་རེ་།
[02:59.0]བྱུང་དང་འབྱུང་བཞིན་པའི་སྐྱོ་གར་འདི་དག་འཇིག་རྟེན་གྱི་གར་སྟེགས་ཆེན་པོ་འདིའི་སྟེང་ནས་མིག་གི་མཐོང་བྱུང། རྣ་བའི་ཐོས་བྱུང། སེམས་སུ་མྱངས་བྱུང།
[02:59.0]མ་གཞི་ང་ཚོ། གླུ་ལེན་གི་ལེན་གི་དགུང་ལ་འགྲོ། དགུང་འབྲུག་ཆུང་རྩེ་ན་ང་ཡང་བརྩེ།
[02:59.0]ང་ཚོ་ད་དུང་་་་དབུགས་ཀྱི་རྒྱུ་བ་འགགས་མེད།
[02:59.0]མཚམས་མཚམས་སུ། ཁྱོད་རང་འཁྲབ་སྟོན་པ་ཡིན་ཀྱང་སྲིད་ལ།
[02:59.0]མཚམས་མཚམས་སུ། ཁྱོད་རང་གཙོ་འཁྲབ་པ་ཡང་ཡིན་ངེས།
[02:59.0]མཚམས་མཚམས་སུ།ཁྱོད་རང་བརྙན་གཞུང་རྩོམ་པ་པོ།
[02:59.0]མཚམས་མཚམས་སུ། ཁྱོད་རང་“路人甲乙丙丁”
[02:59.0]ཅི་ཞིག་ཡིན་ན་ཡིན་དུ་ཆུག ནམ་ཞིག་ལ། ཁྱོད་ཀྱི་ཤེས་སྲིད། སྐྱོ་གར་འདི་དག་མ་གཞི། གནམ་རྒན་མའི་ང་ཚོ་ལ་བཞག་པའི་ཚོད་ལྟའི་རྒྱུགས་གཞི་རེད་ལ།
[02:59.0]མ་འོངས་པའི་རང་ཉིད་སྔར་ལས་མཛེས་སྡུག་ལྡན་པ། མཚར་སྡུག་ལྡན་པ།
[02:59.0]སྙིང་སྡུག་ལྡན་པ་ཞིག་གི་ཆེད་དུ་ལོས་ཡིན།
[02:59.0]གྲོགས་པོ་ལོ་ལོ། ངའི་ཤེས་ཡོད་སྙིང་གི་གྲོགས་པོ་ལོ་ལོ།
[02:59.0]འདས་ཟིན་གྱི་སྐྱོ་གར་སྣ་ཚོགས་གར་སྙིགས་བཞིན་དུ་ཕར་ལ་གཡུགས་ཅིག
[02:59.0]མི་ཞིག་ཡིན་སྡུག་བསྔལ་ལོས་ཡོད། འོན་ཀྱང། ཁྱོད་རང་དགའ་བའི་མི། དགའ་བའི་ལས།
[02:59.0]སྙན་པའི་སྒྲ། མཚར་བའི་གཟུགས། མདོར་ན་་་་་་་་་མཐོང་བྱ ཐོས་བྱ རེག་བྱ མྱངས་བྱ།
[02:59.0]དཔྱིད་ཀ དབྱར་ཁ སྟོན་ཀ དགུན་ཁ ཉི་མ་ཤར་ནས་ནུབ་ལ་ནུབ་པ།
[02:59.0]ད་དུང་བདུད་བརྩི་ལྟ་བུའི་ཕ་མའི་བསླབ་བྱ། ནད་དྲག་པའི་སྨན་ལ་ཞིམ་པོ་མེད།
[02:59.0]ཤ་ཚ་བའི་གཏམ་ལ་སྙན་པོ་མེད། གོ་ལོས་མྱོང། འཇིག་རྟེན་ཁམས་ཀྱི་ཨ་མ་བཟང།
[02:59.0]ཁྱོད་ཨ་མའི་སེམས་ཀྱི་ནོར་བུ་ཡིན། འཇིག་རྟེན་ཁམས་ཀྱི་ཨ་མ་བཟང།
[02:59.0]ཁྱོད་ཨ་མའི་སེམས་ཀྱི་ནོར་བུ་ཡིན།
[02:59.0]དེའི་རྐྱེན་གྱི། གོ་ལ་ཟླུམ་པོ་མ་འཇིགས་བར་དུ། དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ།
[02:59.0]མི་རང་ཉིད་མ་བོར་བར་དུ།
[02:59.0]སང་ཉིན་གྱི་ཉི་མ་སེར་པོ་གདོང་གི་བསུ། སྙིང་ཉེ་བའི་ཕ་མ། མཛའ་མོ། གྲོགས་པོ།
[02:59.0]འདས་ཟིན་ལ་བཀའ་དྲིན་ཆེ། འབྱུང་འགྱུར་ལ་རེ་བའི་ལྟོས།
[02:59.0]ངའི་སྙིང་གི་གྲོགས་པོ།
展开