gequbao.com

找歌就用歌曲宝

cover

供歌 - 仲巴罗布

供歌-仲巴罗布.mp3
作曲 : 仲巴罗布 编曲 : 仲巴罗布 ཡིག་སྒྱུར་བ། དབལ་ཁ...
作曲 : 仲巴罗布
编曲 : 仲巴罗布
ཡིག་སྒྱུར་བ། དབལ་ཁྱུང་བསོད་ནམས། 
翻译:瓦琼索郎
གཡུ་བྱ་སྔོན་མོར་སྤྲུལ་ནས།།
化为大鹏鸟
འོལ་མའི་གླིང་ལ་ཆས་ཡོང་།།
飞往沃穆隆仁
དམུ་གཤེན་ཐོད་དཀར་སྲས་པོ།།
穆辛后裔子
འཛམ་གླིང་སྐྱབས་གནས་གྱུར་སོང་།།
成了救世者
         ༢
ཤར་རྫ་འཇའ་ལུས་ཞལ་མཐོང་།།
夏杂虹身大唐
དབེན་པའི་སྒྲུབ་རྒྱུད་འཛིན་པ། ། 
传承者偏僻的修行处
རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ།།
土邓朗加仁波切
ཡུལ་ཁམས་འདི་ཡི་རྒྱན་ཡིན།།
成为雪域之光
       ༣
བདུད་བཞི་གཅོད་ལ་མངའ་བརྙེས།།
四方舍生法
རིས་མེད་འགྲོ་བའི་སྐྱབས་གནས།།
无利为众生
རྣལ་འབྱོར་བསོད་ནམས་གཡུང་དྲུང་།།
瑜伽行者索朗雍仲
དད་གསུམ་ཀློང་ན་འཛུམ་ཡོད།། 
三敬融为一体
           ༤ 
བསྟན་འགྲོའི་འཁུར་ཆེན་འདེབས་པའི།།
利于佛教众生
བྱང་སེམས་ཟློས་གར་བསྒྱུར་བ།།
升起慈悲共舞
མཆོག་སྤྲུལ་ཟླ་བ་ཡེ་ཤེས།།
活佛达瓦益西
རང་དགོན་བསྟན་པའི་རྒྱན་ཡིན།།
成为佛道之根本
         ༥
བསླབ་གསུམ་འདུལ་བའི་གཞི་བརྟན།།
聚集三言之主
སྒོམ་སྒྲུབ་བརྟུལ་ཞུགས་སྐྱོང་བ།།
持续静修打坐
མཁན་སྤྲུལ་སྨོན་ལམ་བསྟན་འཛིན།།
堪布美朗丹增
ཞལ་མཇལ་བསོད་ནམས་ཆེ་འོ།།
会见您是我的福分
         ༦
བཀྲ་ཤིས་གསས་ཁང་འགྲུབ་ཡོད།།
修建了吉祥寺庙
བདེ་ལེགས་མཆོད་གཞིས་སྐྱོད་སོང་།།
供奉如意庄园
བཀྲ་ཤིས་དགའ་སྟོན་ཡག་སོང་།།
祝贺吉祥
བདེ་ལེགས་གླུ་ཡིས་མཆོད་དོ།།
用歌舞供奉吉祥
展开