gequbao.com

找歌就用歌曲宝

cover

勇敢的大武人 果洛尖参mix01 - 果洛尖参

勇敢的大武人 果洛尖参mix01-果洛尖参.mp3
作词 : 果洛尖参     རྟ་བོ་བའི་སྙིང་སྟོབས། ཚིག མགོན...
作词 : 果洛尖参
    རྟ་བོ་བའི་སྙིང་སྟོབས།
ཚིག མགོན་པོ་རྣམ་རྒྱལ།
དབྱངས། བེ་རི་རང་གྲོལ།
གཞས་པ། མགོ་ལོག་རྒྱལ་མཚན།
རྨ་ཆེན་གངས་རིའི་དབུ་འཕང་མཐོན་པོ་ཡིས།
ཁྱེད་ཀྱི་བློ་ཁོག་མཁའ་རུ་རྒྱོངས་བར་བྱེད།
རྟ་བོ་བ།རང་ལ་ཡིད་ཆེས་མངའ་བའི་རྟ་བོ་བ།
ཕ་ཤུལ་བུ་ཡིས་ནོན་པའི་ལ་རྒྱ་དེ།
ཡོན་པོ་རྫ་ཡིས་མིག་གིས་འཚོས་ནས་ཡོད།
རྨ་ཀླུང་སྔོན་མོའི་ལྷུང་ལྷུང་བཞུར་རྒྱུན་གྱིས།
ཁྱེད་ཀྱི་སྤོབས་པ་དབྱངས་སུ་གྱེར་བཞིན་ཡོད།
རྟ་བོ་བ།ཁ་བཤད་དོན་ལ་གནས་པའི་རྟ་བོ་བ། 
མཛའ་མཐུན་རོགས་རེས་གཅིག་སེམས་གཅིག་ལ་སྦྲེལ།། 
ཕྱུག་འགྱུར་ལམ་དུ་རང་ཁྱིམ་རང་གིས་སྐྱོང་།།
གནམ་སའི་མཚམས་ལ་བརྐྱངས་པའི་རྟ་བོ་ཐང་།
ཁྱེད་ཀྱི་མཐོང་རྒྱ་རིང་དུ་སྐྱེད་བཞིན་ཡོད།།
རྟ་བོ་བ།ལ་ལུང་ཕྱོགས་རིས་མེད་པའི་རྟ་བོ་བ། 
སྣོད་བཅུད་དོ་མཉམ་རང་བྱུང་ཉམས་དགའ་བ།
འཆམ་མཐུན་བཀྲ་ཤིས་རི་ལུང་ཀུན་ལ་ཁྱབ།
勇敢的大武人
词:公保南杰
曲:白日然珠
演唱:果洛尖参
歌词大意:巍峨的阿尼玛卿雪山孕育了自信的大武人,蜿蜒的黄河哺育了勇敢的大武人,辽阔的大武草原,养育了豁达的大武人……
展开