gequbao.com

找歌就用歌曲宝

cover

白塔 - 旦巴普杰

白塔-旦巴普杰.mp3
作词 : 索南巴久 作曲 : 增丹罗玛 རང་གཟུགས་གཟི་མདངས་...
作词 : 索南巴久
作曲 : 增丹罗玛
རང་གཟུགས་གཟི་མདངས་འབར་བའི།། བཞི་བརྒྱའི་ནད་རིགས་སེལ་བའི།།
རང་བྱོན་ཤེལ་གྱི་མཆོད་རྟེན།། འཆི་མེད་བདུད་རྩི་རང་འབབ།།
ཕྱག་བསྐོར་ལན་རེ་བྱས་ན།། བདེ་སྐྱིད་ཞིང་དུ་སྐྱེ་འགྲོ།།
ཆུ་མིག་ཧུབ་གང་བཏུང་ན།། ནད་གདོན་སྡིག་སྒྲིབ་དག་འགྲོ།།
གངས་དཀར་པོ་བསྐོར་བའི་ཕ་ཡུལ་འདི།།
གནས་ཆོས་དབྱིངས་དག་པའི་ཞིང་ཁམས་རེད།།
ཆུ་གསེར་ལྡན་འབབ་པའི་བརྒྱུད་འགྲམ་དུ།།
སྒ་མཆོད་རྟེན་དཀར་པོ(རང་བྱོན)རང་གྲུབ་རེད།།
ཆོས་དངོས་གྲུབ་འཁོར་བའི་མཆོད་རྟེན་འདི།།
གནས་འདི་རུ་(རང་བྱོན)རང་གྲུབ་རེད།།
བོད་ཁ་བ་ཅན་གྱི་མཆོད་རྟེན་རེད།།
མཆོད་རྟེན་དཀར་པོ། ཨོ-འོ-འོ-འོ-
ཁྱེད་ནི་མི་རིགས་ཀྱི་གཟི་བརྗིད།
མཆོད་རྟེན་དཀར་པོ། ཨོ-འོ-འོ-མཆོད་རྟེན་དཀར་པོ།
ཁྱེད་ནི་ང་ཡི་སེམས་ནང་ཉི་མ། ་་་ཨོ་་་་ ཉི་མ།
སྒ་མཆོད་རྟེན་དཀར་པོ་བྱིན་རླབས་ཆེ།།
སྟེང་རྩེ་མོ་ནམ་མཁའི་ལྷ་ལ་བསྙེགས།།
འོག་རྩ་བ་མ་དྲོས་ཀླུ་ལ་བཞུགས།།
མ་མཁའ་འགྲོའི་བདུད་རྩི་(རང་འབབ)རང་གྲུབ་རེད།།
ཆབ་བདུད་རྩི་(རང་འབབ)རང་གྲུབ་རེད།།
མ་འགྲོ་བ་ཀུན་གྱི་མཆོད་རྟེན་རེད།།
མཆོད་རྟེན་དཀར་པོ། ཨོ-འོ-འོ-འོ-
ཁྱོད་ནི་སངས་རྒྱས་སྟོང་གི་ཐུགས་རྟེན།
མཆོད་རྟེན་དཀར་པོ། ཨོ-འོ-འོ-མཆོད་རྟེན་དཀར་པོ།
ཁྱེད་ནི་ང་ཡི་སེམས་ནང་ཉི་མ། སེམས་ནང་གི་ཉི་མ།
(白塔,你自然普照的光芒,
消除了世间所有的疾病。
白塔,你那圣洁的甘泉,
洗净了人们痛苦的污浊。
白塔,对你虔诚的膜拜,
融化了众生轮回的贪念。)
雪山环绕的家乡
是我佛光照耀的圣地
奔流长江的河畔
是那上天赐予的白塔。
让人间幸福的白塔
留在了我的家乡
变成了雪域的白塔
白塔,哦…哦…哦…你是人们的福祉!
白塔,哦…哦…哦…
你是我心中的太阳!
充满加持的白塔
是那天上宝殿的圣物
是那海底龙宫的财宝
是那空行母的甘露
是所有众生的白塔
白塔,哦…哦…哦…
你是佛祖的化身!
白塔,哦…哦…哦…
你是我心中的太阳!
展开