cover

佛赞(Single Version) - 仁增卓玛

如无法下载或有错误,请刷新重试或点此 反馈 给我们
佛赞(Single Version)-仁增卓玛.mp3
[00:00.95]佛赞 - 仁增卓玛 [00:26.21]གང་ཚེ་རྐང་གཉིས...
[00:00.95]佛赞 - 仁增卓玛
[00:26.21]གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ།
[00:31.43]ས་ཆེན་འདི་ལ་གོམ་པ་བདུན་བོར་ནས།
[00:36.31]ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས།
[00:40.67]དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ།
[00:47.93]དང་པོ་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན།
[00:52.07]རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས།
[00:58.13]ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས།
[01:03.06]བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ།
[01:32.740005]གཞལ་ཡས་ཁང་དུ་མ་མ་བརྒྱད་བཞིས་མཆོད།
[01:36.97]ཤཱཀྱའི་གྲོང་དུ་གཞོན་ནུས་རོལ་རྩེད་མཛད།
[01:42.869995]སེར་སྐྱའི་གནས་སུ་ས་འཚོ་ཁབ་ཏུ་བཞེས།
[01:49.380005]སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ།
[01:54.39]གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས།
[01:58.770004]མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ།
[02:04.62]ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད།
[02:09.55]སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ།
[02:39.20999]རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ།
[02:43.48]ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ།
[02:49.42]མ་ག་དྷ་རུ་ཐུབ་པ་མངོན་སངས་རྒྱས།
[02:53.61]མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ།
[03:00.85]ཝཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར།
[03:05.21]ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན།
[03:11.14]རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས།
[03:15.22]ཐུགས་ནི་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ།
[03:21.16]འདི་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་འདས།
[03:25.4]མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི།
[03:31.16]དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང༌།
[03:35.95999]བདེ་གཤེགས་ཉིད་ཀྱི་མཛད་དང་མཚུངས་པར་ཤོག
展开