gequbao.com

找歌就用歌曲宝

cover

鲁格梅朵 - 尕松旦争

鲁格梅朵-尕松旦争.mp3
作词 : 仁增南加 作曲 : 智王桑珠 ལུ་གུ་མེ་ཏོག གཞས་...
作词 : 仁增南加
作曲 : 智王桑珠
ལུ་གུ་མེ་ཏོག
གཞས་ཚིག རིག་འཛིན་རྣམ་རྒྱལ། གཞས་གདངས། གྲུ་བ་བསམ་འགྲུབ། གཞས་པ། སྐལ་བཟང་བསྟན་འཛིན།
::::
མཐོ་སྒང་ཡངས་པའི་སྤང་ཐང་དཀྱིལ་ནས་མཛེས་པའི་ཞལ་རས་ཁྲ་རིལ་རིལ།།
དབྱར་གཞུང་སྐྱིད་པའི་ན་དམར་ཐང་ལ་འཛུམ་པའི་སྣང་བརྙན་འདར་ཡོམ་ཡོམ།།
སྣ་འཛོམས་མེ་ཏོག་སྐྱེས་མོས་ཚལ་དུ་མཛེས་པའི་ལང་ཚོ་གཉོམ་དུང་དུང་།།
རང་བྱུང་མཛེས་པའི་འཇིག་རྟེན་གྲོང་དུ་གཅེས་པའི་རྣམ་འགྱུར་སྙིང་རྗེ་རྗེ།།
ལུ་གུ་མེ་ཏོག ལུ་གུ་མེ་ཏོག ལུ་གུ་མེ་ཏོག
ཆུང་ཆུང་ལུས་ཀྱི་ཕུང་བོ་དེ་ཡི་སྲ་མཁྲེགས་ས་སྒང་གཏོར་ནས་ཐོན།།
མཛེས་མཛེས་བཀྲ་བའི་རང་མདངས་དེ་ཡི་ཡིད་སེམས་དབང་མེད་བཀུག་ནས་སླེབས།།
འཇམ་འཇམ་ལུས་ཀྱི་སྐྱེས་གཟུགས་ཤིག་གི་རྩྭ་ཐང་ཡངས་པོ་མངོན་ནས་སྐྱེས།།
ཐུང་ཐུང་དུས་བཞི་དགུན་གཞུང་མགྱོགས་ཀྱང་གཅེས་པའི་ཞལ་རིས་འཛུམ་གྱི་བསུ།།
ལུ་གུ་མེ་ཏོག ལུ་གུ་མེ་ཏོག ལུ་གུ་མེ་ཏོག
ལ་ཁའི་ལུག་རྫི་རྫི་གླུ་ཁུག་ན་མཛེས་པའི་མགོ་ལྕོག་ལྡེམ་ཤིག་ཤིག།
དྭངས་མོ་ཆུ་ཡི་བཞུར་སྒྲ་བར་ན་འཚོ་བའི་སྟངས་སྟབས་སྒེག་ཉམས་ཉམས།།
མཐོ་སྒང་ཨ་མའི་པང་ལ་ཉལ་བའི་དུང་བའི་འདུན་དུངས་ཟབ་ཟབ།།
ས་སྒང་རི་ཀླུང་དབུས་སུ་བཞད་པའི་བརྩེ་བའི་འདབས་མ་ཞེན་ཆགས་ཆགས།།
ལུ་གུ་མེ་ཏོག ལུ་གུ་མེ་ཏོག ལུ་གུ་མེ་ཏོག
展开